Sunday, February 3, 2013

ཞབས་ཁྲ།

ཁྱོད་ཤར་ལས་ཤར་བའི་ཁྲི་གདུགས་ཉིནམ།།ང་ཁྱོད་ལུ་དགའ་བའི་མེ་ཏོག་ཨིན།།
ཁྱོད་རྐྱེན་ངན་སྤྲིན་གི་གྲིབ་འདི་གི།ནུབ་ཀྱི་ཕྱོག་ལུ་འཛུལ་སོ་ནུག།
ཁྱོད་ལོག་པའི་རེ་བ་ང་ལུ་མེད།།ཨིན་རུང་ཁྱོད་ལུ་དགའ་མེ་ཏོག་ང།།

མར་ཤར་ཤ་འགྱོ་བའི་ཆུ་མོ་ཁྱོད།ང་ཁྱོད་ལུ་དགའ་བའི་ཉ་མོ་ཨིན།།
ཁྱོད་དུང་དུང་འུར་སྒྲྱ་ཆེ་འདི་གི།ནུབ་ཀྱི་ཆོག་ལུ་འཛུལ་སོང་ནུག།
ཁྱོད་ལོག་པའི་རེ་བ་ང་ལུ་མེད།ཨིན་རུང་ཁྱོད་ལུ་དགའ་ཉ་མོ་ང།།

ངེ་ཧིང་ལས་དགའ་བའི་བུ་མོ་ཁྱོད།ང་ཁྱོད་ལུ་དགའ་བའི་བུ་ཆུང་ཨིན།
ཚེ་སྔོན་མའི་ལས་འཕྲོ་མེདཔ་ལས་སྨོ།།ཁྱོད་གཞན་དང་གཞན་གྱི་གཉེན་གྲོགས་འགྱུར།།
ལོག་ཕྱེད་པའི་རེ་བ་ངལུ་མེད།ཨིན་རུང་ཁྱོད་ལུ་དགའ་བུ་ཆུང་ང།།

ཤ་ཝ་མ་སྨད་ཀྱི་ལོ་རྒྱུས།

ནགས་མི་ཚལ་གྱི་ཤ་མའི་ཨང་ཛོ་འདི།།ལུས་བུ་ལྟོག་པའི་སྡུགས་བསྔལ་མ་བཟོས་པ།།
ལུས་ལས་ཆད་པའི་ཤ་ཕྲུག་རྗེས་སུ་ཕྲིད།།རི་གནག་སྤང་པའི་ལོ་ལས་འབབ་ཅི་རུ།།
ཤོང་ཞིང་འོག་མའི་ལོ་ཐོག་མཉམ་འཔི་དུས།།ཤ་ཕྲུག་ལོ་ན་གཞོན་པའི་རང་བཞིན་གྱིས།།
ལུས་བུ་གྱེད་པའི་ཕར་ལོག་ཨིབ་མ་ཤེས།།ལས་ངན་ཤ་ཁྱི་གནག་པོས་དྲི་ཚོར་ནས།།
ཤ་ཝ་མ་སྨད་ཏིང་ལ་འབབ་འོང་ཚེ།།མགྱོགས་པའི་བང་གིས་རི་ལུང་ཐམ་ཅད་བཤལ།།
ལྷབ་པའི་སྐད་ཀྱིས་འུར་སྒྲ་ལུང་པ་གང།།ཨ་མ་ཤི་བའི་སྲོག་ལ་ཕང་ན་ཡང་།།
ལོག་ཅི་ཤ་ཕྲུག་གུག་སྟེ་སྡོད་པའི་བར།།སྔོན་མེད་དུག་མདའ་ཨ་མའི་ལུས་ལ་ཕོག།།
ཆབ་ཆབ་མིག་གི་བདུད་རྩི་སར་ལ་ཤོར།།ལྷང་ལྷང་དབུགས་ཀྱི་ཇུངས་བ་ཁྱད་ལ་ནི།།
ལན་ཅིག་མ་བུ་འབྲེལ་བའི་ལོ་རྒྱུས་འདི།།འཁྲུལ་ན་མལ་ལས་ལྷོང་པའི་གཞི་རང་མས།།